烛光 - 罗布桑珠

获取下载链接
歌词

作词 : 罗布桑珠

作曲 : 罗布桑珠

编曲 : 旦旦

制作人 : 旦旦

གླུ་འདི་གནམ་འོག་དགེ་བའི་བཤེས་གཉེན་ཡོངས་ལ་འཕུལ།

མུན་ནག་དཀྱིལ་ནས་ཁྱེད་དང་འཕྲད།

ཤེས་རབ་ཀྱི་སྒྲོན་མེས་ང་ལ་འོད་སྣང་སྦྱིན།

ཕ་མ་འདྲ་བའི་བྱམས་སྐྱོང་དང་།

བརྩི་བཀུར་ཡོད་ཚད་ང་ཚོར་བཅངས།

དགེ་བའི་བཤེས་གཉེན་ཁྱེད་ཀྱི་ཕྱོགས་སུ་གླུ་དེ་ལེན།

སྨག་རུམ་གཏིང་ནས་ཁྱེད་ཀྱིས་འཐེན།

མི་ཚེ་ཡི་མདུན་ལམ་དེ་ལ་འོད་སྣང་སྦྱིན།

ལང་ཚོ་དར་བའི་ཕྲུ་གུ་ལ།

ལམ་ནོར་ཐེབས་པའི་སེམས་ཁྲལ་གྱི་ཁེངས།

དགེ་བའི་བཤེས་གཉེན་ཁྱེད་ཀྱི་ཕྱོགས་སུ་གླུ་དེ་ལེན།

བཀའ་དྲིན་ཆེ་བྱུང་། ང་ཡི་རྒན་ལགས་རྣམས།

བྱམས་སྐྱོང་དེ་བུ་ངའི་སེམས་ནང་དྲོ།

དུས་ནམ་ཡང་ཁྱེད་ཀྱི་བཀའ་དྲིན་བརྗེད་མི་སྲིད།

དགེ་བའི་བཤེས་གཉེན་སྐུ་ཚེ་ཡུན་རིང་སྨོན།

གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།

ད་ཆ་མི་ཚེའི་ལམ་བུའི་སྟེང་།

བུ་ང་ཡི་གཤོག་རྩལ་ངོམ་ནས་ནམ་འཕངས་བཅད།

སྐུ་ལུས་འཚིག་པའི་སྒྲོན་མེ་ལགས།

ཁྱེད་ཀྱི་བཀའ་སློབ་སེམས་གཏིང་ངེས།

ང་ཡི་བཤེས་གཉེན་ཁྱེད་ཀྱི་ཕྱོགས་སུ་གླུ་དེ་ལེན།

རང་སྲོག་བསྲེག་ནས་གཞན་ལ་མུན་ནག་སེལ།

རླབས་ཆེན་གྱི་དགེ་བའི་བཤེས་གཉེན་རྣམས།

ཁྱེད་ཚོའི་འོད་སྣང་ས་ཕྱོགས་གང་སར་ཁྱབ།

བརྩེ་བའི་བཤེས་གཉེན་སྐུ་ཚེ་ཡུན་རིང་སྨོན།

བཀའ་དྲིན་ཆེ་བྱུང་། ང་ཡི་རྒན་ལགས་རྣམས།

བྱམས་སྐྱོང་དེ་ཉི་མའི་འོད་ཟེར་འདྲ།

དུས་ནམ་ཡང་ཁྱེད་ཀྱི་བཀའ་དྲིན་བརྗེད་མི་སྲིད།

དགེ་བའི་བཤེས་གཉེན་སྐུ་ཚེ་ཡུན་རིང་སྨོན།

ང་ཡི་དགེ་བའི་བཤེས་གཉེན་སྐུ་ཚེ་ཡུན་རིང་སྨོན།