Chonggye Gorshay - CHONGGYE SOWANG(琼结索旺)

获取下载链接
歌词

作词 : 琼结民歌

作曲 : 琼结民歌

༼ འཕྱོངས་རྒྱས་སྒོར་གཞས། ༽

ཚིག་གདངས། འཕྱོངས་རྒྱས་དམངས་གཞས།

གཞས་པ། འཕྱོངས་རྒྱས་བསོད་དབང་།

སོའོ། པདྨ་ཅན་གྱི་རི་དེ་གང་གི་རི།

པདྨ་ཅན་གྱི་རི་དེ་གསེར་གྱི་རི།

སོའོ། གསེར་གྱི་རི་ལ་གསེར་གྱི་བྱ་ཞིག་བབས།

བྱ་ལ་བཞུགས་མཁན་མ་རེད་ཐད་མཁན་རེད།

སོའོ། ཁྱེད་རྣམས་པ་ཐད་མཁན་རྣམས་ལ་བཀྲ་ཤིས་ཤོག

ལམ་ལ་རྟ་ལས་མགྱོགས་པའི་བཀྲ་ཤིས་ཤོག

སོའོ། ང་རྣམས་པ་བཞུགས་མཁན་རྣམས་ལ་གཡང་རེ་ཁུག

འཇམ་པོ་བལ་ལས་འཇམ་པའི་གཡང་རེ་ཁུག

འཕྱོངས་རྒྱས་བསོད་དབང་གི་གླུ་གཞས་གསན་པར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།

སོའོ། པདྨ་ཅན་གྱི་རི་དེ་གང་གི་རི།

པདྨ་ཅན་གྱི་རི་དེ་གཡུ་ཡི་རི།

སོའོ། གཡུ་ཡི་རི་ལ་གཡུ་ཡི་བྱ་ཞིག་བབས།

བྱ་ལ་བཞུགས་མཁན་མ་རེད་ཐད་མཁན་རེད།

སོའོ། ཁྱེད་རྣམས་པ་ཐད་མཁན་རྣམས་ལ་བཀྲ་ཤིས་ཤོག

ལམ་ལ་རྟ་ལས་མགྱོགས་པའི་བཀྲ་ཤིས་ཤོག

སོའོ། ང་རྣམས་པ་བཞུགས་མཁན་རྣམས་ལ་གཡང་རེ་ཁུག

འཇམ་པོ་བལ་ལས་འཇམ་པའི་གཡང་རེ་ཁུག

ཧྲགས་སོ་ཧ་ལ།

རྟ་ལ་རྟ་སྒ་གཙུགས་ནས་བཞག་ཡོད།

བཅུ་དྲུག་ལིང་ཤང་གཡོགས་ནས་བཞག་ཡོད།

འགྲོས་དང་གོམ་པ་བརྒྱབ་ནས་བཞག་ཡོད།

བརྒྱབ་པ་རྣམས་ཚོ་ཟུར།

མ་བརྒྱབ་རྣམས་ལ་འུར།

འཕྱོངས་རྒྱས་བསོད་དབང་གི་གླུ་གཞས་གསན་པར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།

རྟ་ཕོ་འཁྲིད་ཤོག རྟ་ནག་རྟིང་དཀར་འཁྲིད་ཤོག

ཕྱིའི་འོད་གསལ་གླིང་དཀར་སྟོད་ལ་བག་ཆགས་བཞག་ནས་ཡོང་ཡོད།

མཐུར་མགོ་གཡོགས་ཤོག རག་མཐུར་དངུལ་མཐུར་གཡོགས་ཤོག

ཕྱིའི་འོད་གསལ་གླིང་དཀར་སྟོད་ལ་བག་ཆགས་བཞག་ནས་ཡོང་ཡོད།

ཏིང་ཏིང་བཏགས་ཤོག རྒྱ་ཏིང་བོད་ཏིང་བཏགས་ཤོག

ཕྱིའི་འོད་གསལ་གླིང་དཀར་སྟོད་ལ་བག་ཆགས་བཞག་ནས་ཡོང་ཡོད།

རྟ་སྒ་གཙུགས་ཤོག གསེར་ཚགས་དངུལ་ཚགས་གཙུགས་ཤོག

ཕྱིའི་འོད་གསལ་གླིང་དཀར་སྟོད་ལ་བག་ཆགས་བཞག་ནས་ཡོང་ཡོད།

མེས་པོ་བཀྱོན་ཤོག གེ་སར་རྒྱལ་པོ་བཀྱོན་ཤོག

ཕྱིའི་འོད་གསལ་གླིང་དཀར་སྟོད་ལ་བག་ཆགས་བཞག་ནས་ཡོང་ཡོད།