编曲 : 源头音符
源头音符推广宣传
བྱ་གསུམ།
ཚིག། བདུད་བྷེ།
དབྱངས། བདུད་བྷེ།
ལེན་མཁན། ཀུན་དགའ།
སྟོད་གན་ན་བྱ་གསུམ་འཕུར་ནོ་འདི།
བྱ་སྔོན་མ་རྨ་བྱ་སྒྲོ་ཡག་རེད།
བྱ་ཡག་ནས་རྨ་བྱ་མ་རེད་ད།
སྒྲོ་ཡག་ན་བུམ་འི་ཁ་རྒྱན་རེད།
གསེར་བུམ་ཆུང་འཛིན་པའི་བླ་མ་ཚོ། །
བྱ་དེ་ཚོ་མ་བརྗེད་ཐུགས་ལ་ཟུངས།
གསེར་བུམ་ཆུང་འཛིན་པའི་བླ་མ་ཚོ། །
བྱ་དེ་ཚོ་མ་བརྗེད་ཐུགས་ལ་ཟུངས།
སྟོད་གན་ན་བྱ་གསུམ་འཕུར་ནོ་འདི།
བྱ་བར་མ་ཐང་དཀར་སྒྲོ་ཡག་རེད།
བྱ་ཡག་ནས་སྟག་ཤར་མ་རེད་ད།
སྒྲོ་ཡག་གི་མདའ་མོའི་གཏོད་བྱེད་རེད།
མདའ་ཉག་ཕྲན་འཛིན་པའི་སྟག་ཤར་ཚོ།
བྱ་དེ་ཚོ་མ་བརྗེད་ཡིད་ལ་ཟུངས།
མདའ་ཉག་ཕྲན་འཛིན་པའི་སྟག་ཤར་ཚོ།
བྱ་དེ་ཚོ་མ་བརྗེད་ཡིད་ལ་ཟུངས།
སྟོད་གན་ནས་བྱ་གསུམ་འཕུར་ནོ་འདི།
བྱ་རྗེས་མ་ཁུ་བྱུག་སྔོན་མོ་རེད།
བྱ་ཡག་ནས་བུ་མོ་མ་རེད་ད།
སྐད་ཡག་པ་བུ་མོའི་གནས་སྐད་རེད།
མ་བུ་མོ་གནས་ལ་འགྲོ་ནི་ཚོ།
བྱ་གན་ཚོ་མ་བརྗེད་ཡིད་ལ་ཟུངས།
མ་བུ་མོ་གནས་ལ་འགྲོ་ནི་ཚོ།
བྱ་གན་ཚོ་མ་བརྗེད་ཡིད་ལ་ཟུངས།
མ་བུ་མོ་གནས་ལ་འགྲོ་ནི་ཚོ།
བྱ་གན་ཚོ་མ་བརྗེད་ཡིད་ལ་ཟུངས།
མ་བུ་མོ་གནས་ལ་འགྲོ་ནི་ཚོ།
བྱ་གན་ཚོ་མ་བརྗེད་ཡིད་ལ་ཟུངས།